༈ མ་ཏི་ལུགས་ཀྱི་འཇམ་དཀར་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་བྱ་ཚུལ་བཞུགས་ ། ༈ འདིར་པཎ་ཆེན་མ་ཏིའི་ལུགས་ཀྱི་འཇམ་དཀར་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་ མདོར་བསྡུས་ཉམས་སུ་ལེན་ཚུལ་ནི། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་ མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ། ལན་གསུམ་གྱིས་སྐྱབས་འགྲོ་དང་ ། བདག་གི་མ་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱ་ དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་དཀར་པོའི་བསྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། ། ལན་གསུམ་གྱིས་སེམས་བསྐྱེད་ལ་ ། རང་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་གསལ་བའི་ [019A]༄༅། །ཐུགས་ཀའི་ཨ་ཡིག་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་འཕགས་པ་འཛམ་དཔལ་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་ མཱ་ཛཿ་ཞེས་སྤྱན་དྲངས། ན་མོ་གུ་རུ་བྷྱ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་རེ་བྷྱ་ཞེས་ཕྱག་བཙལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརཡ་མཉྫུ་ཤྲི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སཱ་ཧཱ། པཱ་དྱཾ་པྲ་ཏཱི་ཙྪ་ཡེ་སཱ་ཧཱ། བཛྲ་ པུཥྤེ༑ དྷཱུ་པེ༑ ཨཱ་ལོ་ཀེ༑ གནྡྷེ༑ ནཻ་ཝི་དཡེ། ཤཔྟ་ཨཱ་ཧཱུཾ། ཞེས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། སངས་རྒྱས་བྱང་ཆུབ་ ཡིད་ཀྱིས་གཟུང། ལན་གསུམ་གྱིས་རྒྱུན་བཤགས་དང་ ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་བདེ་བ་དང་མི་འབྲལ་བར་གྱུར་ཅིག་བཏང་སྙོམས་ལ་གནས་པར་གྱུར་ ཅིག༑ ཅེས་ཚད་མེད་བཞི་བསྒོམ་ ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུ་དྡྷོཉཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་འོ་མའི་རྒྱ་མཚོ་ཆེན་པོའི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་ མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཨ་དཀར་པོ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་ [019B] གཡས་བུས་མོའི་སྟེང་དུ་མཆོག་སྦྱིན་དང། གཡོན་ཐུགས་ཀར་ཆོས་འཆད་མཛད་པའི་མཐེབ་མཛུབ་ཀྱིས་ཨུཏྤ་ལའི་ཡུ་ གཡོན་གྱི་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེས་རབ་གྱི་རལ་གྲི་དང་ཤེར་ཕྱིན་གྱི་གླེགས་བམ་བསྣམ་པ། མཚན་དཔེས་མཛེས་ཤིང་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རལ་པའི་ཟུར་ཕུང་ལྔ་དང་ལྡན་ཅིང་ཞི་འཛུམ་སྒེག་ པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་དར་དཀར་གྱི་ན་བཟས་ཀླུབས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་ཨོཾ་བཛྲ་ས་མཱ་ཛཿ་ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཅེས་ཡན་ལག་བཞི་ རྫོགས་སུ་བསྐྱེད་ལ་ ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་རྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་ཨཱ་ཧཱུཾ། གི་བར་གྱིས་སྔར་ལྟར་མཆོད་ ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཅིང། །རབ་མཛེས་ཤིན་ཏུ་ཞི་བའི་ གཞོན་ནུ་ཟུར་ཕུད་ལྔ་ལྡན་པ། །དགའ་བརྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཛད་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་བསྟོད་ ། རང་གི་སྙིང་ནང་དུ་འཁོར་ལོ་དཀར་ [020A]༄༅། །པོ་རྩིབས་དྲུག་པའི་ལྟེ་བར་ཨ་དང། རྩིབས་ལ་འབྲུ་དྲུག་འཁོད་པའི་འོད་ཟེར་གྱིས་རང་གཞན་གྱི་རྨོངས་མུན་བསལ་འཁོར་འདས་ཀྱི་མཁྱེན་རབ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་གྱུར་ ཨོཾ་ཝཱ་ཀྱི་དཾ་ན་མཿ་ ཞེས་ལྔ་སྟོང་སོགས་བཟླས་རྗེས་ ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱིན་པར་གྱུར། ཨོཾ་སརྦ་ཏ་ཐ་ག་ཏ་ཞེས་སོགས་ཀྱིས་གང་ལྔར་མཆོད། འཛམ་བུའི་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། ། ཞེས་མཎྜལ་ཚོམ་བུ་བདུན་མ་འབུལ། སྤྲོན་མཚན་བརྗོད་དང་བསྡུན་ ། རི་བོང་འཛིན་པ་ལྟར་དཀར། ཞེས་སོགས་ཀྱིས་གོང་ལྟར་བསྟོད་ ། བཅོམ་ ལྡན་འདས་འཕགས་པ་འཇམ་དཔལ་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཤེས་རབ་ཕུན་སུམ་ཚོགས་པ་བསྒྱད་དུ་གསོལ། ཞེས་གསོལ་བ་བདབ། ཡིག་བརྒྱས་ལྷག་ཆད་བཀང་ ། མ་རྙེད་ཡོངས་སུམ་ཤེས་ དང། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་བཟོད་པར་གསོལ། བཛྲ་མུཿ་ཡེ་ཤེས་པ་རང་གནས་སུ་གཤེགས་པར་གྱུར། ཅེས་བཤེགས་ལ་ ། དགེ་བ་འདི་ཡིས་མྱུར་དུ་བདག་འཕགས་པ་འཇམ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག་ཅེས་དང་ཤིས་པ་བརྗོད་པར་བྱའོ། ། ཞེས་མ་ཏི་ལུགས་ཀྱི་འཇམ་དཀར་ཤེས་རབ་བློ་འཕེལ་ [020B]། །།